༄༅། །བོད་ལྗོངས་ལྷ་མི་ཡོངས་ཀྱིས་དད་མོས་རྩེ་གཅིག་གིས་ལུགས་གཉིས་ཀྱི་འདྲེན་པ་མཆོག་ཏུ་མངའ་གསོལ་བ། ཐམས་ཅད་མཁྱེན་པ་རྡོ་རྗེ་འཆང་རྒྱ་མཚོའི་བླ་མ་ཆེན་པོའི་ཕྱག་ཐམ།

སེམས་འཚོར་དམར་པོ།

སེམས་འཚོར་དམར་པོ།
འདས་པའི་ལོ་ཟླ་སྐད་གཅིག་སྐད་ཅིག་གིས་བུད་ཐལ།།ད་ལྟའི་ཉིན་ཞག་ག་ལེ་ག་ལེ་ལ་འགྲོ་གིན།།མ་འོངས་ནམ་ཟླ་རིམ་གྱིས་རིམ་གྱིས་རང་འཛད་ནས།།མི་རྟག་སྒྱུ་མའི་རང་གཤིས་མི་ཚེ་འདི་རྫོགས་འགྲོ།།ཆུང་དུས་རྩེད་ར་འགྲིམས་པའི་སྤྲོ་སྣང་དེ་མ་ཐོབ།།གཞོན་དུས་ཆུང་མ་བསུས་ནས་ཁྱིམ་གཞིས་ཀྱང་མ་བཟུང༌།།རྒས་དུས་རེ་ལྟོས་བཅོལ་ས་བུ་ཚ་ཞིག་མེད་པར།།མི་རྟག་སྒྱུ་མའི་ལུས་འདི་རྨི་ལམ་བཞིན་རྫོགས་སོང༌།།ཆུང་དུས་ཐོས་པ་བསགས་པའི་སློབ་སྦྱོང་གི་འབྲས་བུ།།སྒོམ་ནས་རྒྱུད་ལ་སྦྱར་བའི་ཉམས་ལེན་ཙམ་མེད་པར།།ཁ་བཤད་ཆུ་ཡི་ལྦུ་བས་དུས་ཚོད་ཀུན་བསྐྱལ་ནས།།མི་རྟག་སྒྱུ་མའི་ལུས་འདི་སྟོང་པ་རང་ཆགས་སོང༌།།

ཟིན་བྲིས་རྣམས་གྲངས།

དྲང་སྲོང་རྒན་པོའི་ལྟ་གྲུབ།

ཆར་དང་ཉི་ཟེར་འཐབ་པའི་དབྱར་གཞུང་ན།།སྣ་ལྔའི་ཁ་དོག་འཁྱིལ་བའི་འཇའ་རིས་སྣེ།།སུ་དང་གང་གིས་འཇུ་ཡང་མི་ཟིན་པ།།བདེན་པའི་གནས་ལུགས་བསྟན་པའི་མཚོན་གཞི་ཞིག།
ཁ་རྩངས་གྲང་ལྷག་འཐབ་ནས་ཁ་བ་འབབ།།དེ་རིང་གཡའ་དག་མཁའ་ནས་ཉི་གཞོན་འཛུམ།།གནམ་སའི་གཤིས་ལུགས་ངེས་མེད་འགྱུར་བ་འདི།།འདུས་བྱས་མི་རྟག་མཚོན་པའི་དཔང་རྟགས་ཤིག།
འཕར་སྤྱང་ཝ་མོ་ཚོགས་པའི་དུར་ཁྲོད་དུ།།རྣམ་ཤེས་རླུང་གིས་ཁྱེར་བའི་མཛེས་མའི་ལུས།།གོས་མེད་གཅེར་བུར་ལུས་པའི་མགྲོན་སྟོན་འདིས།།དྲང་སྲོང་རྒན་པོའི་ཞལ་ལ་བདེན་ཁ་སྦྱིན།།
བྱང་ཐང་བྱེ་མ་སྤུངས་པའི་ཇག་ལམ་ན།།མི་བསད་རྟ་སྒྲིལ་བྱེད་པའི་ཇག་ཚོགས་ཚོ།།ནག་ཅན་མི་ཡི་གྲལ་མཐར་བརྩི་ན་ཡང༌།།གསལ་རིག་སེམས་ཀྱི་འོད་སྣང་མཉམ་པ་ཉིད།།
གཡོ་ཅན་ཁོང་འཛུམ་འཆོར་བའི་དགོད་སྒྲ་ཡིས།།ཅོལ་ཆུང་སྙིང་ལ་དགའ་བའི་མིག་འཕྲུལ་འདི།།སྲིད་མཚོར་དགའ་ཚལ་འཛིན་པའི་བྱིས་པ་ཚོའི།།སེམས་ཀྱི་ཚོར་རིས་མཚོན་པའི་སྣང་བསྙན་ཞིག།
2007/3/26/བྲིས།

གདུང་བའི་སྨྲེ་ངག


གཉིད་ནི་རྨོངས་དང་འཐོམ་པའི་ཆ་ལག་ཕྱིར།།སུ་དང་གང་གིས་བསྟོད་པ་མི་བྱེད་མོད།།རྨི་ལམ་གྲོང་ཁྱེར་འགྲིམས་པའི་ལྟད་མོ་ལ།།གཟིགས་ན་གཉིད་ལ་མི་བསྟེན་མཐུ་མེད་ཡིན།།ངོས་འཛིན་གཏོད་སོ་མེད་པའི་བར་སྣང་གི།།མཛེས་མཚོན་ཁ་དོག་བཀྲ་བའི་འཇའ་རིས་སྣེ།།འཁྲུལ་སྣང་ཨ་ཐས་ཟབ་པའི་བོད་རྒན་ཚོས།།རེ་བས་ཤི་འཐམ་བྱས་པའི་རྨི་ལམ་རིང༌།།གཞན་འཚང་སྔོག་པའི་ཕག་གི་མཆུ་ཏོ་ལ།།རང་འཚང་སྐྱག་པ་འགོས་པའི་དྲི་ངན་གྱིས།།དངོས་དོན་བདེན་པའི་དྲི་བསུང་འཐུལ་བ་ལ།།ཕན་པའི་རེ་བ་བཅོལ་པའི་འཁྲུལ་སྣང་ཟབ།།ཟླ་འོད་མུན་པས་ཟོས་པའི་མཚན་མོ་ན།།ནག་ཅན་རྐུན་མའི་གྲིབ་གཟུགས་མ་མཐོང་བར།།འབ་སྒྲས་གནམ་ས་དབྲལ་བའི་ཁྱི་རྒན་ལ།།རེ་བའི་བློ་གཏོད་བྱས་པའི་ལྷ་སྒྲུང་སྙན།།སྤང་རྒྱན་མེ་ཏོག་བཀྲ་བའི་གླིང་ཁ་ན།།ཕྱེ་མ་ལེབ་ཀྱིས་འཕུར་ལྡིང་རྩེན་པའི་རྗེས།།བསམ་མེད་བྱིས་པ་རྒྱུག་པའི་རྡོག་སྣེ་ནས།།གཡང་སའི་རྡོ་ལ་བརྡབས་པའི་ངུ་རྒྱངས་ཐོས།།ཁ་བ་ལྷབ་ལྷུབ་འབབ་པའི་དགུན་གཞུང་དུ།།འཁྱགས་པས་ས་གཞི་བསྡམས་པའི་སྲུབ་ཀ་ནས།།ལྗང་མདོག་མྱུ་གུ་འབུས་པའི་རེ་བ་འདིས།།མེས་པོའི་སྙིང་ལ་འཇའ་ཡི་ཁང་བཟང་བསྐྲུན།།བསམ་གཞིགས་འཁྱགས་ལ་འབྱར་བའི་གྲང་ལྷག་གསེབ།།རྣམ་རྟོག་བུ་ཡུག་འཚུབ་པའི་དུར་ཁྲོད་ན།།ཕ་མེས་སྟོང་གི་རྣམ་ཤེས་ཐིམ་པའི་ཤུལ།།རེ་བའི་ལྷག་མ་འཇགས་རྩྭ་སྐམ་པོ་ཙམ།། ༢༠༠༧.༣.༢༠ ལ་བྲིས།

ཕྱིར་དྲན།

རི་རྩེ་ཁ་བས་ཉིན་རེ་ཉིན་རེར་བསྟིམས།།ནགས་ཀྱི་ཤིང་ལོ་རིམ་གྱིས་རིམ་གྱིས་ལྷུང༌།།ད་ནི་ཁོར་ཡུག་མཛེས་པའི་རྣམ་ཤེས་འདིའང༌།།དགུན་འཁྱགས་ལྷགས་པའི་རུམ་དུ་འབྱར་བར་ངེས།།ད་ནངས་བྱེ་འུའི་གསུང་སྙན་མ་ཐོས་གོང༌།།ཞོགས་རླུང་བསིལ་མོས་ཕྲ་ཡོལ་ཁད་ཀྱིས་ཕྱེས།།མགོ་བོ་སྔས་ལ་འབྱར་བའི་རྨི་ལམ་ཡང༌།།གཟུགས་མེད་རླུང་བུ་ལྡང་བས་ཧད་ཀྱིས་དཀྲོགས།།དབྱར་དགུན་སྟོན་དཔྱིད་ཤོག་ལྷེ་བསྒྱུར་བ་བཞིན།།དུས་བཞི་ཤུགས་ཀྱིས་ལོ་ཡི་འཁོར་ལོ་བསྐོར།།མི་ལོ་བཅུ་བདུན་ས་མཐར་དལ་གྱིས་རྫོགས།།དྲན་ཤེས་བསྣོལ་མས་སེམས་ཀྱི་ཚོར་འདུ་བཀྲུགས།།ལྟེ་ཁྲག་གང་དུ་འཕོས་པའི་ཕ་ཡུལ་དང༌།།བྱམས་བརྩེ་དྲིན་གྱིས་བསྐྱངས་པའི་ཕ་མ་ཟུང༌།།ཤ་ཁྲག་གཅིག་པའི་སྤུན་ཉེ་གྲོགས་པོ་སོགས།།རི་ཁྲི་ཆུ་སྟོང་བརྒལ་བའི་ཕ་རོལ་ལུས།།མི་ཡུལ་འཁྱམས་པ་མི་ཡི་ལས་དབང་སྟེ།།ལྷ་ཡུལ་སླེབས་པའི་རེ་བ་བདག་ལ་མེད།།རང་ལུས་རང་ལ་དབང་བའི་ལས་དབང་ཞིག།མི་མངོན་གནམ་གྱི་དབྱིངས་ནས་གནང་རོགས་གྱིས།།
Powered by Blogger.

འཁྲུལ་སྣང༌།


ཡ་ཀི་རྩ་གསུམ་ལྷ་ཡུལ་མན་ཆད་ནས།།མ་ཀི་རྡོ་རྗེའི་དམྱལ་ཁམས་ཡན་ཆད་ན།།བྱ་བྱེད་བསྣོལ་མ་འཐབ་པའི་འཁྲུལ་སྣང་འདི།།སྒྱུ་རྩལ་སྙན་ངག་སྨྲ་བའི་ལྟད་མོ་ཞིག།
ཕ་རྒན་མུ་གེས་ཤི་བའི་དུར་ས་ན།།བུ་རྒྱུད་ཕྱུག་པོས་ཐུགས་སྤྲོ་བཏང་བྱས་ཏེ།།རྒྱ་ཟས་ལེའུ་བཅོ་བརྒྱད་བསྒྲིགས་པ་ཡིས།།རྣམ་ཤེས་འཁྱམས་པོ་འགུག་པའི་མགྲོན་བརྡར་སྨྲ།།
མ་རྒན་ཆང་སར་ཆས་པའི་རྟེན་འབྲེལ་ཐོག།བུ་མོས་བྲོ་གར་ཁྲབ་པའི་གླུ་གཞས་ཀྱིས།།ཆང་དང་སྦི་རག་མཆོད་པའི་སྐུ་མགྲོན་ཚོར།།སེམས་ཁམས་རླུང་གིས་བཀྱགས་པའི་འཁྲུལ་སྣང་སྟེར།།
ཡོད་ཚད་མཇེ་ཡིས་ཕུང་པའི་སྔགས་རྒན་དང༌།།དད་རྫས་སྟུ་རིན་སྤྲོད་པའི་གྲུབ་རྫུན་གཉིས།།རྨོངས་དད་བྲག་གི་བཙན་རྫོང་བརྩེགས་པའི་ནང༌།།བག་མེད་ཤ་ཆང་རོལ་བའི་འཁོར་ཚོགས་རྒྱས།།
སྔགས་ནག་གཅོད་པས་ལྷ་འདྲེ་གཡབ་མོ་བྱེད།།བསམ་མེད་བྱིས་པས་ཁྱི་སྨྱོན་རྡོ་ཡིས་རྡུང༌།།རྙོག་འཛིང་གཡབ་མོ་བྱེད་སའི་གྲུ་ག་འདིར།།ལྷིང་འཇགས་རེ་བ་མཚན་མོའི་རྨི་ལམ་ཙམ།།

སེམས་ཚོར་དམར་པོ།

རི་སུལ་ཁ་བས་བསྟིམས་པའི་ལྷག་རླུང་གསེབ།།རྣམ་ཤེས་རླུང་དང་འགྲོགས་པའི་བ་དོའི་ལུས།།གོས་མེད་གཅེར་བུར་འགྲིམས་པའི་སྐྱོ་གར་ལ།།བརྩེ་སེམས་གོས་བཟང་སྐོན་པའི་བྱམས་ལྡན་སུ།།མེ་མདའི་བུ་ཡུག་འཚུབ་པའི་གཡུལ་ས་ན།།ཚེ་སྲོག་རླུང་གིས་བདས་པའི་ཉམས་ཐག་འབུམ།།ཟུངས་ཁྲག་ཡུར་ཆུ་འཐེན་པའི་གཤིན་ཐང་ནས།།བདག་མེད་བམ་རོས་ཁེངས་པར་སུ་ཡིས་གཟིགས།།ལས་དབང་སྔས་སུ་བྱས་པའི་ལྷོ་མཐའ་ནས།། མིག་ཆུས་གདོང་རིས་བརླན་པའི་ངུ་རྒྱངས་ཀྱིས།།བྱང་བརྒྱུད་ཁ་བས་གཡོག་པའི་དུར་ས་ན།།རྒྱང་རིང་མིག་གིས་ཅེར་བ་སུ་ཡིས་གཟིགས།།གཞན་གནོད་བཞི་ལས་ལྡོག་པའི་སྲིད་དོན་གྱིས།།ཐར་པའི་ཁང་བཟང་མཛེགས་པའི་ལམ་ཟུར་ནས།།ཕ་ས་དོན་དུ་གཉེར་བའི་རྨི་ལམ་ལ།།རེ་བའི་རྨི་ཐག་འཕྱངས་པ་སུ་ཡིས་གཅོད།།ཡར་གི་གསེར་གྱི་ཉི་མའི་འོད་སྣང་འོག།མར་གི་འདུ་ལོང་འཚུབ་པའི་ལྷིང་འཇགས་སྣེ།།རྟག་བརྟན་ཐེར་ཟུག་འཛིན་པའི་འཁྲུལ་སྣང་ལ།།མི་རྟག་སྒྱུ་མའི་རང་ངོ་སུ་ཡིས་སྤྲོད།།མི་ཡུལ་སྔས་སུ་བྱས་པའི་གྲུ་ཁ་ན།།མི་ལོ་ལྔ་བཅུ་ཟིན་པའི་མཇུག་སྣེ་ནས།།མི་ནུས་གདམ་བྱ་མང་བའི་མིག་འཁྲུལ་གྱིས།།བྱིས་པའི་སེམས་ཁམས་བསླུས་པ་སུ་ཡིས་དཀྲོགས།།དགྲ་ལ་ཞི་མོལ་རེ་བའི་འཛུམ་མདངས་ཕག།གཉེན་ལ་རྒྱུག་རྡུང་ཕོག་པའི་ན་ཚ་ཡིས།།ཀི་ཅོས་གནམ་ས་དབྲལ་བའི་ཁོར་ཡུག་ན།།གཉིས་ཕན་འབྲས་བཟང་སྨིན་པ་སུ་ཡིས་རེ།།ནམ་མཁའི་འཇའ་རིས་མིག་གི་ལྟད་མོར་མཛེས།།སྤྲང་པོའི་གླིང་བུ་ཕྱུག་པོའི་རྣ་བར་སྙན།།ཞི་བའི་ལྟ་གྲུབ་བྱིས་པའི་བུ་རམ་གྱིས།།བཀྲེས་ལྟོགས་སེལ་བའི་ལོག་རྟོག་སུ་ཡིས་བཟློག།ཕ་རྒན་བསད་ནས་ཞགས་གསུམ་མ་ལོན་གོང༌།།ཕ་མེད་དྭ་ཕུག་འཁྱམ་པོས་ཁ་བཏགས་སྣེ།།ཕ་བསད་དགྲ་བོའི་མགུལ་ལ་འཐེན་པ་འདི།།ཕ་བཟང་བུ་ཡི་གྲལ་གསེབ་སུ་ཡིས་བཞག།ཁ་འདི་འཕྲེད་དུ་ཕྱེས་པའི་རྟེན་འབྲེལ་གྱིས།།འཕྲེད་འཕྲེད་གཏམ་ལ་རྫོགས་མཐའ་མི་འདུག་པས།།སེམས་ཀྱི་ཁྱེའུ་ཆུང་ངུས་པའི་མིག་ཆུ་རིས།།འཕྲེད་དུ་འབབ་པའི་སྙན་ཚིག་འདི་ཉིད་སྤེལ།།
སྤྱི་ལོ་༢༠༠༨ཟླ་བ་༣ཚེས་༧ཉིན་བྲིས།

དྲན་པའི་སྐྱོ་གདུང༌།


འདས་པའི་ལོ་ཟླ་སྐད་གཅིག་སྐད་ཅིག་གིས་བུད་ཐལ།།ད་ལྟའི་ཉིན་ཞག་ག་ལེ་ག་ལེ་ལ་འགྲོ་གིན།།མ་འོངས་ནམ་ཟླ་རིམ་གྱིས་རིམ་གྱིས་རང་འཛད་ནས།།མི་རྟག་སྒྱུ་མའི་རང་གཤིས་མི་ཚེ་འདི་རྫོགས་འགྲོ།།ཆུང་དུས་རྩེད་ར་འགྲིམས་པའི་སྤྲོ་སྣང་དེ་མ་ཐོབ།།གཞོན་དུས་ཆུང་མ་བསུས་ནས་ཁྱིམ་གཞིས་ཀྱང་མ་བཟུང༌།།རྒས་དུས་རེ་ལྟོས་བཅོལ་ས་བུ་ཚ་ཞིག་མེད་པར།།མི་རྟག་སྒྱུ་མའི་ལུས་འདི་རྨི་ལམ་བཞིན་རྫོགས་སོང༌།།ཆུང་དུས་ཐོས་པ་བསགས་པའི་སློབ་སྦྱོང་གི་འབྲས་བུ།།སྒོམ་ནས་རྒྱུད་ལ་སྦྱར་བའི་ཉམས་ལེན་ཙམ་མེད་པར།།ཁ་བཤད་ཆུ་ཡི་ལྦུ་བས་དུས་ཚོད་ཀུན་བསྐྱལ་ནས།།མི་རྟག་སྒྱུ་མའི་ལུས་འདི་སྟོང་པ་རང་ཆགས་སོང༌།།སྐྱིད་པའི་ཕ་ཡུལ་སླེབས་པའི་སྐལ་བ་དེ་མེད་འདྲ།།དྲིན་ཅན་ཕ་མ་མཇལ་བའི་ལས་འཕྲོ་དེ་མི་འདུག།དྲན་གདུང་སེམས་ཀྱི་མིག་ཆུ་ཁོག་པ་ལ་གཞུར་ནས།།མི་ཚེ་ས་མཐར་བསྐྱལ་བའི་ལས་དབང་འདི་སྐྱོ་བ།།སྤུན་མཆེད་གཉེན་ཚན་དུ་མའི་ཞལ་པར་ཙམ་ཐོས་བྱུང༌།།སྐབས་འགར་པར་དང་བརྙན་ཕབ་ལྟད་མོ་ཙམ་མཐོང་ཡང༌།།ཕན་ཚུན་ལྷན་དུ་འཛོམས་པའི་གོ་སྐབས་དེ་བརླགས་ནས།།མི་ཚེ་ཕལ་ཆེར་མི་ཡུལ་ལུང་པ་ལ་རྫོགས་སོང༌།།སྐྱེས་ས་འཚར་ས་བསིལ་ལྡན་བོད་ལྗོངས་ལ་ཡིན་ཡང༌།།རྒ་ས་ཤི་ས་ལྷོ་མཐའི་ཚ་བ་ནང་ངེས་པས།།རྒྱུས་མེད་མི་ཡུལ་འཁྱམས་པའི་ཉམ་ཆུང་གི་གྲྭ་རྐྱང༌།།བསམ་ཞིང་བསམ་ཞིང་སེམས་སྡུག་ན་བུར་བཞིན་འཐུལ་སོང༌།།མི་བཟད་སྐྱོ་བའི་ཚོར་རླབས་སེམས་ཁོང་ནས་འཕྱུར་ཡང༌།།གདོང་གི་བཤུ་སྐོག་མཉེད་པའི་འཛུམ་ཀོང་འདི་བསྟན་བཞིན།།མི་ཚོགས་འདྲ་མིན་གསེབ་ཏུ་འགྲོ་ཁུལ་རང་བྱེད་པ།།འཇིག་རྟེན་མི་ལུས་ལེན་པའི་ཡ་ཚུལ་ཙམ་ལོས་ཡིན།།
༢༠༠༨.༥.༡༧ཉིན་དགེ་འོས་B.edའཛིན་གྲྭའི་ནང་གནན་ཐབས་མེད་པའི་སྐྱོ་སྣང་ཞིག་གིས་རྐྱེན་བྱས་ཏེ་དཀར་པང་ཐོག་ཐོལ་བྱུང་དུ་བྲིས།

Followers


དྲྭ་ཚིགས་བཟོ་བཀོད་པ་བསོད་ནམས་འོད་ཟེར།
Saturday, December 17, 2011
ཨ་འབྲུག་དཔའ་བའི་རྗེས་དྲན་ལ་ཕུལ་བའི་འཚམས་འཕྲིན།

བེ་རི་འཇིགས་མེད།

མེས་པོའི་དུར་ས་སྲུང་བའི་སོ་མཚམས་ན།།
ཟུངས་ཁྲག་ས་ལ་བསྟིམས་པའི་རྗེས་ཤུལ་ནས།།
རྣམ་ཤེས་སྟོང་གིས་ཕྱིར་མིག་ཅེར་བ་ཡི།།
འདས་སོང་དཔའ་བོའི་སྐྱོ་གར་སླར་ཡང་དྲན།།
མི་ཞིག་མི་ཡུལ་དུ་སྐྱེ་ནས་མི་ཚེ་རྒྱུན་རིམ་ལ་གོམ་པས་འཇལ་ནས་གཤེགས་དགོས་པ་ནི་ཆོས་ཉིད་ཀྱི་རང་བཞིན་ཡིན་པས། དེ་ལ་སུས་ཀྱང་བཟློག་ཏུ་མེད། མི་ཚེའི་མདུན་ལྗོངས་ལ་གོམ་པས་འཇལ་སྟངས་ཐད མི་འགའ་ཞིག་འཇམ་ཐིང་ངེར་སྐྱེས་ཤིང་འཇམ་ཐིང་ངེར་ཤི་འགྲོ་བ་ཡང་མི་ཞིག་གིས་མི་ཚེ་བསྐྱལ་སྟངས་ཀྱི་ཆ་ལག་གཅིག་ཡིན་ལ། མི་ལ་ལ་སྐྱེས་དུས་དར་འཕྱརདུང་འབུད། ས་རིམ་པ་གསུམ་སྒུལ། གནམ་རིམ་པ་གསུམ་གཡོ་ནའང་། འཆི་དུས་ཁྲ་རུ་གྱུར་པའི་དགུན་དུས་ཀྱི་ཁུ་བྱུག་བཞིན་འཇམ་ཅག་གེར་འགྲོ། མི་ཁ་ཅིག་ཁུ་སིམ་མེར་སྐྱེས་ཤིང་ལྷིང་འཇགས་སེར་གསོན།
སྟོང་སོང་ངེར་འཇིག་རྟེན་འདིར་གྱེཇལ་མཁན་ཡང་འཇིག་རྟེན་འདིར་ཉུང་ཉུང་མིན། གཞན་དག  མི་ཡུལ་དུ་སྐྱེས་དུས་འཇམ་ཅག་གེར་སྐྱེས་ཀྱང་། འཚར་དུས་མེ་ལྕེ་བཞིན་འབར། འཆི་དུས་དུ་བ་ལྟར་ཡལ་ནས་འཇིག་རྟེན་འདིར་གྱེས་མཇལ་བྱེད་མཁན་ཡང་ཉུང་ཉུང་མིན། མི་ཁག་ཅིག མངལ་གྱི་ཐེམ་པ་བརྒལ་ནས་མི་ཡུལ་གྱི་འཇིག་རྟེན་འདིའི་ལྟད་མོ་ལ་བྱོན་དུས། ཁ་བུག་ཚད་ཀྱིས་གསོལ་འདེབས་དང་། ལག་ཐོགས་ཚད་ཀྱིས་ཕྱག་རྒྱས་ཕེབས་བསུ་ཞུ། འཚར་དུས་གནམ་སྔོན་པོའི་འོག་ཏུ་འཇའ་ཚོན་ལྟར་བཀྲ་ལ་ས་དོགས་མོའི་ངོགས་སུ་ལྗོན་ཤིང་ལྟར་གྲོལ་པས་འགྲོ་བ་མིའི་ཁ་གཡང་ཡོད་ཚད་ཅོད་པཎ་དུ་བཞེས། ནམ་ཞིག་ས་སྒང་ཧྲིལ་པོ་འདིར་གྱེས་མཇལ་ཞུ་དུས་འཇིག་རྟེན་འདིའི་ཐོག་ནམ་ཡང་བསུབ་ཐབས་མེད་པའི་ནག་ཐིག་གི་རྐང་རྗེས་ཕབ་ནས་འགྲོ་མཁན་ཡང་འཆིས་མོད།
            གངས་ཅན་དཔའ་བོའི་ཡངས་རྩེ་ཨ་འབྲུག་མགོན་པོ་བཀྲིས་ལྟ་བུར་མཚོན་ན། རྒྱའི་དབང་འཛིན་པ་གྲགས་ཅན་དང་སྙན་ངག་པ་མའོ་ཙེ་ཏུང་གིས། གསོན་ན་རླབས་ཆེ་པ། ཤི་ན་གཟི་བརྗིད་ཆེ་བཞེས་པའི་སྙན་ངག་གི་སྡོམ་ཚིག་ཅིག་བྲིས་ཡོད་པ་དེ་དང་མཐུན་པའི་མི་ཚེ་ཡོངས་སུ་བསྐྱལ་བའི་ལོ་རྒྱུས་ཀྱི་རྒྱུད་རིམ་ནང་ ཡུལ་དགོན་སྡེ་གསུམ་གྱི་མྱོང་བྱང་དང་། རྒྱ་བོད་ཧོར་གསུམ་གྱི་འགྲུལ་བཞུད། ཇ་དར་སྨན་གསུམ་གྱི་ཚོང་འགྲེལ། སྐྱ་སེར་བར་གསུམ་གྱི་འདྲེས་གཤིབ། དགའ་གཉེན་བར་གསུམ་གྱི་རྙོག་འཛིངས། སྲིད་འབྱོར་རིག་གསུམ་གྱི་གཉན་འཕྲང་། ཕྱི་ནང་གསང་གསུམ་གྱི་ཟིང་ཆ། དཀར་ནག་ཁྲ་གསུམ་གྱི་རྩོད་གླེང་། མདོར་ན་ས་སྒང་ཧྲིལ་པོ་སྔས་སུ་བྱས་ཤིང་གཙང་ཆེན་བརྒྱད་ཀྱིས་སྐ་རགས་བཅིངས་པའི་མཐོ་སྒང་བོད་ཀྱི་རྒྱལ་ཁམས་འདི། རྒྱ་དཀར་ནག་གིས་ཕྱི་ནས་ཟོས། ཞྭ་དམར་སེར་གྱིས་ནང་ནས་བསྙིལ། སོག་སེར་པོས་དཀྱིལ་ནས་འབོག་པའི་མཇུག་སྣེ། རྒྱ་མཚོ་འཕྱུར་བ་དང་རི་བོ་རལ་བ་ལྟ་བུའི་དུས་མཚམས། རྙོག་འཛིང་གི་རླབས་རིས་གཡོ་བའི་སྤྱི་ཚོགས་དེའི་ནང་དུ་སྐྱེས་ཤིང་། བཙན་འཛུལ་གྱི་ལྕེ་རླབས་འབར་བ་དང་། ཁྲག་རླབས་ཀྱི་བར་སྣང་སྒྲིབ་པའི་དུས་འཁྲུགས་དེའི་ནང་དུ་འཚར། རང་ཡུལ་ལ་གྱེས་མཇལ་ཞུས་ནས་མི་ཡུལ་ལ་སྐྱབས་སུ་བཅོལ་བའི་གངས་ཅན་པའི་དཔའ་བོ་ཁྱུ་གཅིག་གི་དཔུང་སྣེ་ཁྲིད། དཔའ་དམ་གྱི་དར་ཆ་སེར་པོ་ནམ་མཁའི་དབྱིངས་སུ་སྒྲེང་། གྲི་མདུང་གི་མཚོན་རྩེ་དགྲ་བོའི་ཕྱོགས་སུ་བསྐོར། ཁོང་ཁྲོ་དང་འཁོན་འཛིན་གྱི་སྡང་མིག་གཉིས་ཀ་དགྲ་བའི་སྟེང་དུ་ཕྱོགས། ལྷ་བསམ་དང་ཕུག་རེ་ཡོད་ཚད་གངས་སེང་གི་དར་ཆེན་ལ་བཏེགས། ཡིད་ཆེས་དང་སེམས་ཤུགས་ཡོད་ཚད་པོ་ཏ་ལའི་རྒྱ་ཕིབས་ལ་བཅོལ་ནས། རྒྱ་རྒོལ་བོད་སྐྱོབ་དང་རང་སྲུང་དགྲ་འགོག་གི་རུ་ཚོན་གྱིས་ནམ་མཁའ་སྒྲིབ། ཀི་སྒྲས་བར་སྣང་དབྲལ། སྨྲིག་སྒྲས་ས་གཞི་གཡོ་བའི་དམག་འཐབ་ཀྱི་ལོ་རྒྱུས་བཞག ཨ་རིའི་གསང་བའི་ལས་ཁུངས་སོགས་ཤར་ནུབ་ཀྱི་རྒྱལ་ཁམས་དུ་མའི་དེབ་ཐེར་ནང་རང་སྲུང་བཙན་རྒོལ་གྱི་ལོ་རྒྱུས་ཁྲོད་ཐོ་རངས་སྐར་ཆེན་བཞིན་ཁྲ་ལྷ་མེར་གསལ་བར་འཁོད། གངས་ཅན་པའི་ལས་དབང་གི་འཇུག་པར་རྫོགས་ཚིག་དང་བཞི་ཤད་ཐེབས་པའིམཇུག་སྣེ། ས་གས་རི་ཉིལ་བའི་དུས་འགྱུར་ཁྲོད། ཕྱག་ན་པདྨོའི་ཕྱག་ནས་འཇུག་ཏེ་མི་ཡུལ་བདེ་བླག་འགྲིམས་པའི་ལམ་ཆེན་བསྐྲུན།
            ཁ་བའི་དུངས་ཞེན་དང་དགྲ་བོར་འཁོན་སེམས་ནིགློ་བུར་བའི་སྤྲིན་པ་དང་ཐོལ་བྱུང་གི་ཆར་ཆུ་ལྟ་བུ་ཞིག་མ་ཡིན་པར། ནམ་ཡང་བཞུར་རྒྱུན་མི་ཆོད་པའི་གངས་ཆུ་དང་། སུས་ཀྱང་གཞོམ་གཞིག་མི་ནུས་པའི་ཁྲོ་ལྕགས་བཞིན། ཁོང་གི་སེམས་ན་ནམ་ཡང་གནས་པས། སླར་ཡང་མི་ཡུལ་སྔས་སུ་བྱས་པའི་སྐྱབས་བཅོལ་གྱི་གྲུབ་ཟུར་ནས། ཨ་རིའི་གསང་ལས་དང་བསྡོང་ནས་འཇབ་དམག་དཔའ་བོའི་རུ་ཚོགས་ཆེད་འཛུགས་ཀྱིས་ཕ་སའི་མཐའ་མཚམས་ནས་གནམ་ས་གཡོ་བ་ལྟ་བུའི་འཇབ་རྒོལ་གྱི་ལོ་རྒྱུས་བཞག གསོན་ན་རླབས་ཆེ་བའི་མི་ཚེ་དེ་ཉིད་འཇིག་རྟེན་འདིར་གྱེས་ཇལ་དུས་ཀྱང་གཟུགས་པོའི་ཁོང་ནས་ཁྲོ་ལྕགས་ཀྱི་མདེའུ་ཤན་བཅུ་གཉིས་ཙམ་ཐོན་པའི་ལོ་རྒྱུས་ཀྱི་ཟུར་ཐོ་ད་ལྟ་དང་ད་དུང་ཡང་སྐད་ཡིག་འདྲ་མིན་གྱི་དེབ་གཏེར་དུ་མའི་ནང་ཐོ་རངས་སྐར་ཆེན་གྱི་འོད་སྣང་བཞིན་འཚེར་བཞིན་གཟི་བརྗིད་ལྡན་པའི་སྒོ་ནས་སྐུ་གཤེགས།
ཁོང་གིས་བཞག་པའི་མཛད་རྗེས་དང་། ཁོང་གིས་བསྐྲུན་པའི་ལམ་བུ་ནི། ཆུང་ཆུང་མིན་ལ་ཀྱོག་ཀྱོག་དེ་བས་མིན། སྐྱ་སེང་བུ་ལྔའི་ལྷ་སྒྲུང་དང་། གེ་སར་རྒྱལ་པོའི་གླིང་སྒྲུང་ལྟར་བྱུང་མྱོང་མེད་པའ་ཆ་ཤས་རེ་བྱུང་ཡང་སྒྲོ་འདོགས་ཀྱི་འཇའ་རིས་འཁྱོགས་པའི་དོན་དམ་གྱི་གནམ་མཐོངས་སྒྲིབ་པ་དང་མི་འདྲ་ལ། རི་འགོག་དམག་འཁྲུག་དང་ཨ་འགོག་ཁྲོའུ་སྐྱོབ་ཀྱི་གློག་བརྙན་ལྟ་བུའི་བྱུང་བ་དངོས་ལ་གཞི་འཛིན་མི་བྱེད་པར་རང་རྒྱལ་གཞན་ཕམ་གྱི་སྣང་བརྙན་བསྐྲུན་པ་དང་དེ་བས་མི་འཚུངས་པར། ཤར་ཨེ་ཤི་ཡའི་ཇིང་གི་སི་ཁཱང་དང་། ནུབ་ཡུ་རོབ་ཀྱི་ནཱ་ཕོ་ལིང་ལྟ་བུའི་དཔའ་མཛངས་སྙིང་སྟོབས་དང་། རྟུལ་ཕོད་དྲག་འཐབ་ཀྱི་ལོ་རྒྱུས་གསོན་ཉམས་ལྡན་ལགཞི་རྩ་ལྡན་པའི་དངོས་སྒྲུང་ལོ་རྒྱུས་ཀྱི་བྱུང་བ་དར་བབ་ཆུ་བོ་བཞིན་རྒྱུན་རིང་ཞིང་། འདབ་ལྡན་ལྗོ་པ་ཞི་ཁོར་ལག་ཡངས་པ་རྣམས་རེ་རེ་བཞིན་ཞུ་བ་མི་ནུས་ཀྱང་། མཛུབ་མོ་རི་སྟོན་གྱིས་ཕྱོགས་ཙམ་སྒྲོག་ན།
བོད་ཆོས་ལྡན་གྱི་ཞིང་ཁམས་ལ་རྒྱ་གུང་ཁྲན་དམར་པོའི་སྲིད་གཞུང་གིས་བོད་ཤར་རྒྱུད་མདོ་ཁམས་གཉིས་ནས་རིམ་པར་བཞིན་དྲག་པོས་བཙན་འཛུལ་བྱས། མདོ་དབུས་སྐོར་གསུམ་གྱི་ས་ཕྱོགས་ཡོངས་རྫོགས་བཙན་བཟུང་གིས། བོད་ཀྱི་བསྟན་པ་ཆབ་སྲིད་གཉིས་ཀ་རླུང་ཁྲོད་ཀྱི་མར་མེ་ལྟར་ཆགས་འཇིག་གི་འགག་འཕྲང་ལ་སླེབས་ཤིང༌། ྋགོང་ས་རྒྱལ་དབང་ཐམས་ཅད་མཁྱེན་པའི་སྐུ་ཕྱྭ་དང་སྐུ་དབང་ཡང༌། རླུང་འཚུབ་དྲག་པོས་གཡོ་བའི་མཚོ་གྲུ་བཞིན་གྱུར་པ་སོགས། མདོར་ན་ལོ་རྒྱུས་ཐོག་དེ་སྔོན་བྱུང་མ་མྱོང་བའི་ཛ་དྲག་གི་གནས་སྟངས་ས་གཞི་གས་ཤིང་རི་བོ་ཉུལ་བ་ལྟ་བུའི་འོག  ལི་ཐང་ཨ་འབྲུག་མགོན་པོ་བཀྲ་ཤིས་ཀྱིས་སྣེ་ཁྲིད་པའི་ཁམས་རིགས་དཔའ་བོ་ཚོ་གཅིག་གིས་ཨ་འབྲུག་ཚང་གི་མཆོད་ཁང་ནང༌། བོད་བསྟན་སྲིད་ཀྱི་དོན་དུ་གནའ་གན་མཐུ་བོ་ཆེ་བཞག་ནས། མ་སྐུལ་དྭངས་བླངས་ཀྱིས་ལུས་སྲོག་ལོངས་སྤྱོད་དང་བཅས་པ་བློས་བཏང་ནས། ས་ཁྱི་སྤྱི་ལོ་༡༩༥༨ལོ་ཟླ་                  ཚེས་      ༡༦        ཉིན་ལྷོ་ཁ་ལྕགས་ཚ་གྲི་གུ་ཐང་དུ་མདོ་ཁམས་ཆུ་བཞི་སྒང་དྲུག་གིས། རྒྱལ་སྲུང་དགྲ་འཐབ་ཀྱི་དྲག་པོའི་དམག་གི་སྒྲིག་འཛུག་གསར་དུ་ཚུགས་པ་ནས། ཨ་འབྲུག་ཚང་སྐུ་དངོས་ཀྱིས་སྣེ་འཁྲིད་དེ་སྙེ་མོ་མདོ་དཀར་སུམ་མདོ་ནས་བཟུང་། ཁྱུང་པོ་བར་བྱང་བསྐྱོད་དམག་གིས་སྔ་ཕྱིར་དགྲ་འཐབ་བཅོ་བརྒྱད་དང༌། རྩེད་ཐང་ཁུལ་སྡོད་དམག་སྒར་ཨ་མའི་དྭངས་བླངས་དམག་མི་ཚོས། སྔ་ཕྱིར་ལྷོ་ཁ་དང་ཀོང་པོ་སོགས་སུ་དགྲ་ཐེངས་སོ་བཞི་རྒྱབ་པ་དང༌། དེ་བཞིན་ལི་ཐང་ཨ་ཐར་ནོར་བུ་སོགས་ཀྱིས་ཨ་རི་གསང་བའི་ལས་ཁུངས་དང་འབྲེལ་པ་བྱས་ཏེ། ཏར་འཕྲིན་ཚོགས་ཆུང་སྔ་ཕྱི་དུ་མ་རྩ་འཛུགས་བྱས་ནས། གནམ་མཆོང་ས་བབ་ཀྱིས་དམག་དོན་བཀོད་སྒྲིག་དང་གོ་མཚོན་རོགས་རམས། དེ་བཞིན་བོད་ས་སྟོད་སྨད་གང་སར་གནམ་ཐོག་ནས་མཆོངས་ཏེ། རྒྱལ་སྲུང་དགྲ་འཐབ་ཀྱི་ལས་འགུལ་རྒྱ་ཆེར་སྤེལ་བ་བཅས་ཀྱི་ནང་ནས། ཁམས་རིགས་གཙོ་བོར་བྱས་འི་དཔའ་བོ་སྟོང་ཕྲག་མང་པོའི་རྣམ་ཤེས་མཁའ་ལ་ཡལ༌། ཟུངས་ཁྲག་ས་ལ་ཐིམ། ཚེ་སྲོག་གི་རིན་ཐང་ཡོངས་རྫོགས་བོད་བསྟན་སྲིད་ཀྱི་དོན་དུ་ཕུལ་བའི་ཁྲག་རླབས་ཕྱུར་པའི་ལོ་རྒྱུས་དང༌། ནམ་ཡང་ཟུབ་ཐབས་མེད་པའི་དཔའ་བོའི་མཚན་སྙན་མི་ཡུལ་གྱི་འཇིག་རྟེན་འདིར་བཞག་ནས་གཤེགས་ཤིང༌། ལྷག་དོན་ས་ཕག༡༩༥༩ལོའི་རི་བོ་རལ་བ་དང་རྒྱ་མཚོ་འཁྲུག་པ་ལྟ་བུའི་དུས་ཟིངས་སྐབས། གུང་ཁྲན་གྱིས་གནམ་ས་གཉིས་ནས་མཚོན་ཆའི་ཐོག་སེར་དུས་གཅིག་ཏུ་འཁྲུག་པའི་གསེབ་ནས། ཤ་ཁྲག་གི་ཟམ་པ་དམར་པོའི་ཐོག་རི་ཁྲི་ཆུ་སྟོང་གི་འགག་འཕྲང་བརྒལ་ནས། ཁ་བ་གངས་ཅན་ལྗོངས་ཀྱི་མེ་ཏོག་གང་ལ་ཕོག་པའི་ལྷ་སྐལ། འཕགས་མཆོག་ཕྱག་ན་པདྨོ་རྒྱལ་དབང་ཐམས་ཅད་མཁྱེན་པ་སྐུའི་བ་སྤུ་ཙམ་ལའང་ཉེས་པའི་སྐྱོན་གྱིས་ཆ་ཙམ་མ་གོས་པར། རྒྱ་གར་འཕགས་པའི་ཡུལ་དུ་གདན་འདྲེན་ཞུས་པ་དང༌། དེ་བཞིན་ས་ཆེན་གོང་མ་རིན་པོ་ཆེ་དང་། རྒྱལ་དབང་ཀརྨ་པ་རིན་པོ་ཆེ། རྒྱལ་བའི་ཡོངས་འཛིན་རྣམ་གཉིས་སོགས་རེས་མེད་ཆོས་བརྒྱུད་ཁག་གི་བླ་ཆེན་རྣམ་པ་དང༌། གདན་ས་གསུམ་གྱིས་མཚོན་པའི་ས་དགེ་བཀའ་རྙིང་བོན་དང་བཅས་པའི་དགེ་འདུན་པ། མདོར་ན་ཆོལ་གསུམ་རེས་སུ་མ་ཆད་པའི་བོད་རིགས་ཁྲི་ཕྲག་ཁ་ཤས་ཤིག་རྒྱ་གར་འཕགས་པའི་ཡུལ་དུ་ཐར་ཐབས་| བྱས་པ་དང༌། བཙན་བྱོལ་དུ་ཕེབས་པའི་རྗེས་སུའང་ཨ་རི་གསང་བའི་ལས་ཁུངས་དང་མུ་འཐུད་འབྲེལ་བ་བྱས་ཏེ། གློ་སྒྲིག་འཛུགས་དང༌། རྒྱ་གར་གཞུང་གི་ཁོངས་གཏོགས་ཨང་གྲངས་    ༢༢ པའི་དམག་སྒར་སོགས་ཀྱིས་དྲག་པོའི་ལས་འགུལ་ཅི་རིགས་སྣ་ཚོགས་སྤེལ་ཏེ། བོད་བསྟན་སྲིད་ཀྱི་བདེན་མཐའ་སེལ་བའི་ཆེད། ཁམས་རིགས་དཔའ་བོ་བརྒྱ་ཕྲག་མང་པོས་ཚེ་སྲོག་གིས་འགྲོ་གྲོན་བཏང་པའི་ལོ་རྒྱུས་རྣམས། ཨ་རིའི་གསང་བའི་ལས་ཁུངས་ནས་བཏོན་པའི་མེ་ཏོག་པདྨའི་མིག་ཆུ་དང༌། གསང་བའི་འཇབ་དམག་གི་སྒྲིག་འཛུགས། དེ་བཞིན་རྒྱ་ནག་ནས་བཏོན་པའི་ངོ་ལོག་ཇག་པ་ཞོད་འཇགས་བཏང་བའི་དངོས་བྱུང་གི་ལོ་རྒྱུས། ཞེས་པའི་དེབ་དེ་དག་གི་ནང་དུ། ཁམས་པའི་དཔའ་བོ་ཚོས་བོད་བསྟན་སྲིད་ཀྱི་དོན་དུ་དྲག་པོའི་ལས་འགུལ་ཇི་ཙམ་སྤེལ་ཡོད་ཚུལ་གསལ་པོ་འཁོད་འདུག་པ་དེ་དག       འཇིག་རྟེན་གྱི་གཏམ་དཔེ་ལ། བུ་ཕ་ཡིས་མི་བསྟོད་དགྲ་ཡིས་བསྟོད། །དགྲ་ནག་པོས་བསྟོད་ན་བསྟོད་དངོས་ཡིན།།ཞེས་པ་ལྟར་ལགས་པས་ང་ཚོས་སྔོན་གཤེགས་དྭངས་བླངས་དཔའ་བོ་ཚོའི་མཛད་རྗེས་བསྐྱར་བཤད་མ་བྱས་ནའང་མཁྱེ ན་གསལ་རེ ད།
ལོ་རྒྱུས་ཀྱི་བརྒྱུད་རིམ་དེ་དག་གི་ཁྲོད་ནས། དེ་སྔོན་ཁོ་བོ་དང་ཆབ་མདོ་ཤེ ས་རབ་གཉི ས་ཀྱི ས་བྲི ས་པའི <<ཆུ་སྒང་ལོ་རྒྱུས་དེ བ་དང་པོ འི་>>ནང༌། བོད་སྤྱིའི་ལོ་རྒྱུས་ཀྱི་བྱུང་རིམ་ནས་ལོ་རྒྱུས་ཐོག་རྒྱ་བོད་དབར་འགལ་བ་ཇི་ལྟར་བྱུང་ཚུལ། དེའི་རྗེས་འབྲེལ་གྱིས་ཆུ་བཞི་སྒང་དྲུག་གི་སྒྲིག་འཛུགས་ཐོག་མར་འཛུགས་པའི་རྒྱུ་མཚན་དང༌། བར་དུ་ཇི་ལྟར་བཙུགས་པའི་ཚུལ། བཙུགས་ནསཐོག་མར་ལྷ་བླའི་ལུང་བསྟན་བཞིན་༸གོང་ས་མཆོག་ལ་གསེར་ཁྲི་ཕུལ་ཞིང་བཀའ་ཆོས་ཞུས་པ། དེ་རྗེས་ཨ་འབྲུག་ཚང་གིས་སྣེ་ཁྲིད་དེ་ཤོངས་དགའ་ལྡན་ཆོས་འཁོར་གླིང་དུ། གོ་ལག་ལེན་མཁན་སོང་བ་ནས་བཟུང༌། སྙེ་མོ་མདོ་དཀར་སུམ་མདོ་ནས་ཁྱུང་པོ་བར་སྔ་ཕྱིར་དགྲ་འཐབ་བཅོ་བརྒྱད་བརྒྱབ་པའི་ལོ་རྒྱུས་དང་། ཕྲན་གྱིས་བྲིས་པའི་ཆུ་སྒང་ལོ་རྒྱུས་དེབ་ཕྲེང་གཉིས་པའི་ནང་། ལྷོ་ཁ་དམག་སྒར་ཨ་མའི་ནང་སྣེ་འཁྲིད་མི་སྣ་ཚོས་དམག་ཇུས་སྟངས་འཛིན་ཇི་ལྟར་བྱས་པ་དང༌། རྩིས་ཐང་དང་། ཀོང་པོ་སོགས་སུ་སྔ་ཕྱིར་གཞི་རྒྱ་ཆེ་ཆུང་ངེས་མེད་ཀྱི་དགྲ་འཐབ་སོ་བཞི་བརྒྱབ་ཚུལ། ས་ཕག་དུས་འགྱུར་ནང་ྋགོང་ས་སྐྱབས་མགོན་ཆེན་པོ་བཙན་བྱོལ་དུ་ཕེབས་དགོས་བྱུང་སྐབས། ལྷོ་ལམ་གཙང་སེལ་གྱིས་ར་སྨད་གྲུ་ག་ནས་མོན་རྟ་དབང་བར། དྲག་པོའི་དམག་གིས་ཕེབས་བསུ་གྲ་རྒྱས་ཞུས་ཚུལ་བཅས་བཀོད་ཡོད། ད་དུང་ཨ་རིའི་གསང་ལས་ཡིག་ཆ་ནས་ཆེས་ཕུལ་བྱུང་གི་བསྟོད་པ་གནང་ས་བདེ་སྲུང་བཀའ་ཟུར་བཙོང་ཁ་ལྷ་མོ་ཚེ་རིང་ལགས་ཀྱིས་བྲིས་པའི་བཙན་རྒོལ་རྒྱལ་སྐྱོབདེབ་ཕྲེང་རྣམས་སུ་ཨ་འབྲུག་ཚང་གིས་ཆུ་སྒང་ཇི་ལྟར་གསར་འཛུགས་གནང་བ་ནས། མདོ་དབུས་སྐོར་གསུམ་གྱི་རྒྱལ་གཅེས་ཕོ་རྒོད་མང་པོ་གཅིག་སྒྲིལ་གྱི་རྨང་གཞི་ཚུགས་པ་དང་། ཨ་རི་གསང་ལས་དང་འབྲེལ་བའི་སྣེ་འཐུད་བྱས་ནས་གོ་མཚོན་གྱི་རོགས་རམ་འཚོལ་བ། སྡེ་བ་གཞུང་དང་(མཐོ་རིམ་མི་སྣ་ཁག་གཅིག)གསང་འབྲེལ་གྱིས་རྒྱལ་བའི་སྐུ་ཕྱྭ་དང་བསྟན་སྲིད་ཀྱི་ཇུས་སྲུང་པ། དགྲ་དམར་པོའི་ཁ་གཏོད་དངོས་སུ་ལངས་ནས་བཙན་རྒོལ་རྒྱལ་སྐྱོབ་ཀྱི་དམག་འཐབ་སྤེལ་བ། བཙན་བྱོལ་དུ་སླེབས་རྗེས་སུའང་ཨ་རི་གསང་ལས་དང་མུ་མཐུད་འབྲེལ་བ་སྤེལ་ནས་འཇབ་དམག་གློག་འཕྲིན་ཚོགས་ཆུང་ཐེངས་བཅོ་ལྔ་བར་སྤེལ་བ་བཅས་ཀྱིས་བོད་བསྟན་སྲིད་ལ་ཞབས་འདེགས་ཇི་ཙམ་ཞུས་པའི་ལོ་རྒྱུས་ནང་།  གསོན་ན་རླབས་ཆེ་ཞིང་ཤི་ན་གཟི་བརྗིད་ཆེ་བའི་ཞིང་གཤེགས་དྭངས་བླངས་དཔའ་བོ་དེ་དག་དང༌། ད་དུང་འཚོ་བཞུགས་ཡོད་པའི་ཁམས་རིགས་དཔའ་བོ་རྒན་གྲས་ཚོའི། ཟབ་རླིངས་ཐུགས་ཀྱི་དགོངས་པའི་ཀློང་ན། མཚོ་རླབས་ཀྱིས་གཡོ་བའི་གྲུ་རྫིངས་དང༌། རླུང་རླབས་ཀྱིས་བསྐྱོད་པའི་དར་ཆེན་བཞིན་ཀྱག་ཀྱོག་གཉན་འཕྲང་གི་འགྱུར་འགྲོས་མང་པོའི་འཕྲང་སྣེ་ནས། བོད་ཀྱི་བསྟན་སྲིད་མི་རིགས་རིག་གཞུང་དང་བཅས་པའི་དོན་དུ། ལངས་ཕྱོགས་བརྟན་པོའི་སྒོ་ནས་བཙན་རྒོལ་རྒྱལ་སྐྱོབ་ཀྱིས་དགྲ་བོར་གདོང་ལེན་བྱས་པའི་དངོས་བྱུང་གི་ལོ་རྒྱུས་རྣམས་མེ་ལོང་དང་གཟུགས་བརྙན་གྱི་དཔེ་ལྟར། རང་གི་རིགས་ལ་ཞེན་པ་དཀར་བའི་རྒྱ་ཆེ་ཀློག་པ་པོ་ཚོའི་བསམ་བློའི་ཁང་བཟང་ནང་ཁྲ་ལྷམ་མེར་འཛུལ་ངེས་ཡིན
རྒྱ་མིས་བྲིས་པའི་ཉེ་རབས་བོད་རྒྱའི་དུས་འགྱུར་སྐབས་ཀྱི་ལོ་རྒྱུས་དུ་མའི་ནང༌། ྋགོང་ས་མཆོག་དང་བོད་ཀྱི་མཐོ་རིམ་མི་སྣ་ཁག་གཅིག་མ་གཏོགས། གཞན་བོད་རིགས་ཡོངས་རྫོགས་རྒྱ་གཞུང་ལ་དགའ་ཞེན་དང་བཅོས་བསྒྱུར་ལ་དོན་གཉེར་ཡོད་ལུགས་ཀྱི་རྣམ་པ་འབུར་དུ་བཏོན་ནས་བསྒྲིགས་འདུག་པ་དེ་དག་ལ། དངོས་ཐོག་བདེན་འཚོལ་གྱིས་ལོ་རྒྱུས་ངོ་མའི་བཞིན་རས་གསལ་པོར་བཟོས་ན། མདོ་སྟོད་སྨད་དང་དབུས་གཙང་ཁུལ་གྱི་བོད་རིགས་མི་དམངས་ཀུན། མ་བགྲོས་བསམ་པ་གཅིག་མཐུན་གྱིས། བཙན་རྒོལ་རྒྱལ་སྲུང་གི་ལས་འགུལ་ལག་བསྟར་དང་རྒྱབ་སྐྱོར། ཆིག་སྒྲིལ་གྱི་ནུས་པ་འབུར་དུ་བཏོན་པའི་ཐབས་ལམ་དང༌། བོད་རིགས་ཡོངས་རྫོགས་བོད་ཀྱི་བསྟན་པ་ཆབ་སྲིད་དང༌། མི་རིགས་ཀྱི་ལ་རྒྱ་གསེར་གྱི་རི་བོ་དང་འོ་མའི་རྒྱ་མཚོ་ལྟར་བརྟན་ཅིང་བརླིང་བ་དང༌། ལྷག་དོན་ྋགོང་ས་རྒྱལ་དབང་ཐམས་ཅད་མཁྱེན་པ་ལ་འཆི་བ་སྲོག་ལ་གཏུགས་ཀྱང་ཟློག་ཐབས་མེད་པའི་དད་པ་དང་དོ་སྣང་བརྟན་པོ་ལྡན་པ་བཅས་ཀྱི་ནུས་པ་ལ་བརྟེན་ནས། རྒྱ་མིས་ཞི་བས་བསླུ་བྲིད་ཀྱི་འཛུམ་མདངས་ཇི་ཙམ་བསྟན་ནའང་། སྤྱང་ཀིས་ལུག་ཕྲུག་ལ་བྱམས་སྐྱོང་བྱས་པའི་དཔེ་བཞིན། སྤྱང་གྲུང་ལྡན་ལ་དད་པ་དམ་ཚིག་དང་མཐུན་ལམ་ཆིག་སྒྲིལ་ཟབ་པའི་ཉམ་ཆུང་བོད་རིགས་ཚོ། བསླུ་བྲིད་ཀྱི་དྲ་རྒྱའི་འོག་མ་ཚུད་པས། དྲག་པོས་གནོན་ཤུགས་སྤྲོད་དེ་གནམ་ས་གཉིས་ནས་དུས་རབས་ཀྱི་མཚོན་ཆ་འདྲ་མིན་བེད་སྤྱོད་ཀྱིས། བོད་རིགས་མི་དམངས་ཁྲི་ཕྲག་མང་པོའི་ཚེ་སྲོག་ལ་གད་ཆག་བྱུང་བ་དང༌། ྋགོང་ས་མཆོག་གིས་དབུས་བོད་རིགས་ཁྲི་ཕྲག་དུ་མ་རང་ས་བཞག་ནས་མི་ཡུལ་སྐྱབས་བཅོལ་ལ་བསྡད་དགོས་བྱུང་བ། གཞིས་བཞུགས་བོད་རིགས་ས་ཡ་མང་པོར་དམྱལ་ཁམས་ས་སྟེང་བུད་འདྲའི་དཀའ་སྡུག་ཅི་ཆེར་བྱུང་བ་དེ་ཀུན་སུས་བྱས་པའི་གནས་སྟངས་ཀྱང་། ཨ་འབྲུག་དཔའ་བོའི་མི་ཚེ་ལོ་རྒྱུས་ཀྱི་རྒྱུད་རིམ་ལས་ཤེས་ཐུབ་པ་ཞིག་རེད་སྙམ། ཁོང་གིས་བཙུགས་པའི་སྒྲིག་འཛུགས་དང་ཁོང་གིས་བཞག་པའི་མཛད་རྗེས་ལ་ཆ་རྒྱུས་དེ་ཙམ་མེད་མཁན་དང༌། ཡོད་ཀྱང་གནས་སྟངས་གང་ཞིག་གི་རྐྱེན་པས་ཟུར་ཟ་དང་ངན་སྨྲས། སྡང་ཟུག་དང་ཆིལ་ཞགས། གནོན་ཤུགས་དང་འབུར་འཇོམས་སོགས། མདོར་ན་གནས་ལུགས་དངོས་པོ་ལ་རིན་ཐང་མི་སྤྲོད་པར་གསེར་དང་རག་གི་གོ་ས་ག་བསྒྱུར་བྱེད་པའི་ཕྱོགས་གཏོགས་དེ་དག་ལ་གདེན་པ་ར་སྤྲོད་ཀྱི་དཔང་རྟགས་ཤིག་རང་བཞིན་གྱིས་འགྱུར་བའང་སྨོས་མེད་རེད་སྙམ།

དེས་ན། ལི་ཐང་སྐུ་ཞབས་ཨ་ཀ་ལགས་ཀྱིས་འབད་པ་ཆེན་པོས་མ་སྐུལ་དྭངས་བླངས་ཀྱིསཨ་འབྲུག་དཔའ་བོའི་རྗེས་དྲན་གྱི་དེབ་གཏེར་འདི་བཞིན་རྩོམ་སྒྲིག་དང་དཔེ་སྐྲུན་གནང་བར་དགའ་བསུདང་། རྗེས་སུ་ཡི་རངས་ཞུ་རྒྱུ་མ་ཟད། དང་བ་ཆེན་པོས་ཐུགས་རྗེ་ཆེ་ཞེས་ཞུ་རྒྱུ་ཡིན།

འདས་སོང་དཔའ་བོ་སྟོང་གི་རྣམ་ཤེས་ལ།།
རྗེས་དྲན་ཐིགས་པ་འཁྱིལ་བའི་མིག་ཀོང་ནས།།
དལ་གྱི་འབབ་པ་དྭངས་གཙང་བརྒྱད་ལྡན་ཆུ།།
ལྷན་སྐྱེས་འཛུམ་ཀོང་ཁེངས་པ་སུ་ཡིས་བཤུངས།།
དགེ་མིང་ཟུར་ཙམ་འདྲེན་པའི་སྙན་ངག་དང་ལོ་རྒྱུས་སྨྲ་བབེ་རི་འཇིགས་མེད་དབང་རྒྱལ་གྱིས། གནས་མཆོག་ཝཱ་ར་ཎ་སི་དྲང་སྲོང་ལྷུང་བའི་ནགས་འདབས། བོད་ཀྱི་ཆེས་མཐོའི་གཙུག་ལག་སློབ་གྲྭ་ཆེན་པོའི་ནང་དུ་
སྤྱི་ལོ་ ༢༠༡༡ ལོ ཟླ་ ༩ ཚེས་  ༡༥ ཉིན་བྲིས།